关于近期办理 《出生医学证明》的说明

来源: 玉树卫生与健康/yswsjs

点击上方“玉树卫生与健康”关注我们了解更多

        关于近期办理


《出生医学证明》的说明


我州各级经办机构办理出生医学证明国家、省级相关规定和程序进行近期办理的《出生证》是针对近年来在医疗机构外出生且未办理《出生医学证明》而无法落户的人员。

根据级主管部门《关于取消基层开具涉及群众办事创业相关证明的通知》要求,3月1日起在办理医疗机构外出生人员的《出生证》时,对持有乡(镇)政府、村委会、社区等开具证明的人员本应不予受理,按照上述《通知》要求必须提供亲子鉴定证明方能办理。但结合我州仍有部分农牧民群众尚未办理《出生证》的实际,且我州尚无相关亲子鉴定机构,农牧民群众需赴省上鉴定机构做亲子鉴定。鉴于我州农牧民在办理亲子鉴定证明时产生的亲子鉴定、交通、住宿等较多费用和实际存在的困难,我委与省级主管部门多次协调对接,争取到7月底前延用原有的程序予以办理特此,我州各级妇计中心通过电视、公众号等多种方式广泛进行宣传和通知。州妇计中心于6月13日下发了《关于在医疗机构外出生人员办理“出生医学证明”的通知》,其中要求:8月1日前对医疗机构外出生且未上户人员按原有程序办理“出生医学证明”,对于8月1日后在医疗机构外出生且未上户的人员办理“出生医学证明”时,本人或者其监护人可以凭新生儿父母及领证人的有效身份证件原件、亲子关系声明和具有资质的鉴定机构出具的“亲子鉴定证明”原件,向拟落户地县(区)级卫生计生行政部门的委托机构申领《出生医学证明》。如果领证人为新生儿父亲,不需提供母亲签字的委托书。如果领证人为新生儿父母外的其他监护人,则需提供证明监护人身份的相关材料。同时取消乡(镇)政府、村委会、社区等开具的证明。根据我州办理现状,我委将继续与省级主管部门积极协调对接,争取延长办理期限!

ཉེ་བའི་ཉིན་འགའི་རིང་ལག་བསྟར་བྱེད་བཞིན་པའི་

《སྐྱེས་དུས་གསོ་རིག་བདེན་དཔང་》སྐོར་གྱི་གསལ་བཤད་།

    རང་རེའི་ཁུལ་ཐོག་གི་འབྲེལ་ཡོད་ལས་རིམ་ཁག་སོ་སོ་ནས་ལས་བསྒྲུབ་གནང་པའི་《སྐྱེས་དུས་གསོ་རིག་བདེན་དཔང་》ཚང་མ་རྒྱལ་ཁབ་དང་ཞིང་ཆེན་རིམ་པའི་འབྲེལ་ཡོད་གཏན་འབེབས་དང་སྒྲིག་རིམ་ལྟར་སྤེལ། ཉེ་དུས་ལག་ཏུ་བསྟར་པའི་《སྐྱེས་དུས་དཔང་ཡིག》ནི་ཉེ་བའི་ལོ་འགའི་རིང་གསོ་རིག་སྡེ་ཁག་མ་བརྒྱུད་པར་ཕྱི་ནས་སྐྱེས་པའི་བྱིས་པ་དག་ལ་《སྐྱེས་དུས་གསོ་རིག་བདེན་དཔང་》ཐོབ་མེད་པས། དུས་ལྟར་ཁྱིམ་གཞིའི་ཐེམ་ཐོ་སྟེང་མིང་རྩིས་བཀོད་མ་ཐུབ་པའི་སྐོར་དག་ལ་ཆེད་དུ་དམིགས་པ་ཡིན། 

  ཞིང་ཆེན་གཙོ་གཉེར་ལས་ཁུངས་ཀྱིས་གཏན་འབེབས་གནང་བའི་《གཞི་རིམ་ནས་མང་ཚོགས་ལས་སྒྲུབ་གསར་གཏོད་ཐད་དཔང་རྟགས་ཅི་ཡང་སྩོལ་མི་ཆོག》ཞེས་པའི་ཡིག་ཆའི་བླང་བྱ་ལྟར། ཟླ་༣པའི་ཚེས་༡ཉིན་ནས་བཟུང། འབྲེལ་ཡོད་སྡེ་ཁག་མ་བརྒྱུད་པར་ཕྱི་ནས་སྐྱེས་པའི་མི་བུ་དག་ལ་《སྐྱེས་དུས་དཔང་ཡིག》ལེན་སྐབས། ཡུལ་ཚོའི་སྲིད་གཞུང་རིམ་པ་དང་སྡེ་དམངས་ཨུ་ཡོན་རིམ་པ། སྤྱི་ཚོགས་འདུ་ཁུལ་སྡོད་མི་ཨུ་ཡོན་རིམ་པ་སོགས་ནས་བླངས་ཡོང་བའི་དཔང་ཡིག་གཅིག་ཀྱང་དང་ལེན་མི་བྱ། གོང་གསལ་ཡིག་ཆའི་ནང་དོན་ལྟར་སྨན་ཁང་ནས་ཕ་བུའི་ཁྲག་རྒྱུན་ཐོད་གཏུགས་བརྟག་དཔྱད་ཐོབ་པའི་མཇུག་འབྲས་ལྟར་དངོས་འབེབས་བྱ་རྒྱུ་ཡིན། ཡིན་ན་ཡང་རང་རེའི་ཁུལ་ཐོག་ད་རུང་《སྐྱེས་དུས་དཔང་ཡིག》ལོན་མེད་པའི་མི་གྲངས་འགའ་རེ་མཆིས་པ་དང་། རང་རེའི་ཁུལ་ཐོག་གི་གསོ་རིག་ཆ་རྐྱེན་སོགས་ཀྱི་དབང་གིས། ཕ་བུའི་ཁྲག་རྒྱུན་ཐོད་གཏུགས་བརྟག་དཔྱད་བྱ་དགོས་ན། ཞིང་ཆེན་སྨན་ཁང་ལ་སྐྱོད་དགོས་པས། འགྲིམ་འགྲུལ་དང་འདུག་གླ་སོགས་འགྲོ་སོང་གི་དཀའ་ཁག་ཆེན་པོ་ཡོད་པའི་དངོས་དོན་ལ་དམིགས་ནས། རང་ཁུལ་གྱིས་ཞིང་ཆེན་འབྲེལ་ཡོད་སྡེ་ཁག་ལ་ཐེངས་མང་མཐུན་སྦྱོར་དང་འབྲེལ་མཐུད་བྱས་མཐར། ཟླ་༧པའི་ཟླ་མཇུག་བར་དུ་སྔར་ཡོད་རྒྱུད་རིམ་ལྟར་ཁྱིམ་གཞིའི་ཐེམ་ཐོ་སྟེང་མིང་རྩིས་འགོད་རྒྱུ་ཡིན་པས། རང་རེའི་ཁུལ་རིམ་པ་ཁག་གི་བུད་མེད་རྩིས་ཆས་ལྟེ་གནས་ཀྱིས་བརྙན་འཕྲིན་དང་།སྤྱི་སྟེགས་ཨང་རྟགས་སོགས་ཀྱི་བྱ་ཐབས་སྣ་ཚོགས་སྤྱད་དེ་རྒྱ་ཁྱབ་ཏུ་དྲིལ་བསྒྲགས་དང་བརྡ་སྦྱོར་གཏོང་དགོས་།ཁུལ་བུད་མེད་རྩིས་ཆས་ལྟེ་གནས་ཀྱིས་ད་ལོའི་ཟླ་6ཚེས་13ཉིན་ཁྱབ་བསྒྲགས་བྱས་པའི་《འབྲེལ་ཡོད་གསོ་རིག་སྡེ་ཁག་མ་བརྒྱུད་པར་ཕྱི་ནས་སྐྱེས་པའི་མི་བུ་དག་ལ་བསྒྲགས་པའི་“སྐྱེས་དུས་གསོ་རིག་བདེན་དཔང་”ཐད་ཀྱི་བརྡ་སྦྱོར》ལས། ཟླ་༨་པའི་ཚེས་༡ཡར་སྔོན་འབྲེལ་ཡོད་གསོ་རིག་སྡེ་ཁག་མ་བརྒྱུད་པར་སྐྱེས་པའི་མི་བུ་དག་ཁྱིམ་གཞིའི་ཐེམ་ཐོ་སྟེང་རྩིས་ཐོབ་འགོད་སྐབས། སྔར་ཡོད་ཀྱི་སྒྲིག་ལམ་ལྟར་དངོས་འབེབས་བྱ་ཆོག་པ་དང་། དེའི་གཞུག་ནས་སྐྱེས་པའི་མི་བུ་དག་ལ་ངེས་པར་དུ་མི་སྒེར་དང་། ཡང་ན་ལྟ་སྐྱོང་མཁན་གྱིས་གསར་སྐྱེས་ཕྲུ་གུའི་ཕ་མ་དང་ཚབ་བྱེད་མི་སྣའི་ལག་འཁྱེར་ཐོབ་ཐང་གི་མ་ཕྱི་དང་། ཕ་བུའི་འབྲེལ་བ་གསལ་བསྒྲགས་ཡི་གེ། འབྲེལ་ཡོད་གསོ་རིག་སྡེ་ཁག་ནས་བླངས་པའི་ཕ་བུའི་ཁྲག་རྒྱུན་ཐོད་གཏུགས་ཡི་གེ་སོགས་ཀྱི་མ་ཕྱི་འདོན་སྤྲོད་བྱེད་དེ། འབྲེལ་ཡོད་སྡེ་ཁག་ལ་སོང་ནས་《སྐྱེས་དུས་གསོ་རིག་དཔང་ཡིག》ལེན་དགོས། གལ་ཏེ་ཡི་གེ་དེ་ལེན་མི་གསར་སྐྱེས་བྱིས་པའི་ཕ་མ་གཉིས་གང་རུང་ཡིན་ན། མངགས་བཅོལ་ཞུ་ཡིག་སོགས་འདོན་སྤྲོད་བྱ་མི་དགོས། གལ་ཏེ་ཕ་མ་གཉིས་ཀ་སུ་ཡང་མིན་པར་མི་གཞན་སུ་ཡིན་ནའང་། ལྟ་སྐྱོང་མཁན་གང་ཉིད་ཀྱི་ཐོབ་ཐང་འཛིན་ཡིག་སོགས་དགོས་ངེས་ཀྱི་རྒྱུ་ཆ་ཡོད་ཚད་འདོན་སྤྲོད་བྱ་དགོས་ཤིང་། དེར་བསྟུན་ཡུལ་ཚོའི་སྲིད་གཞུང་རིམ་པ་དང་སྡེ་དམངས་ཨུ་ཡོན་རིམ་པ། སྤྱི་ཚོགས་འདུ་ཁུལ་སྡོད་མི་ཨུ་ཡོན་རིམ་པ་སོགས་ནས་བླངས་ཡོང་བའི་བདེན་དཔང་ཡི་གེ་གཅིག་ཀྱང་དང་ལེན་མི་བྱ། རང་ཁུལ་གྱིས་བྱ་བ་འདི་བསྒྲུབ་པའི་གནས་བབས་ལ་དམིགས་ནས། ད་དུང་མུ་མཐུད་དུ་འབྲེལ་ཡོད་ལས་ཁུངས་ལ་ཡར་ཞུ་དང་འབྲེལ་འདྲིས་སྒོས་སྔར་ཡོད་ཀྱི་ཇུས་གཞི་ཡུན་སྲིང་ཡོང་བར་བརྩོན་བྱ་རྒྱུ་ཡིན།


       ཡུས་ཧྲུའུ་ཁུལ་འཕྲོད་བསྟེན་དང་འཆར་ལྡན་བུ་སྐྱེའི་ཨུ་ཡོན་ལྷན་ཁང་ནས།

                        ༢༠༡༨ལོའི་ཟླ་༧པའི་ཚེས་༣༠ཉིན།


END


扫描二维码,阅读更多内容